ང་ཚོའི་སྐོར།

དགེ་ལྡན་ནང་བསྟན་རིག་གཞུང་གཅེས་སྐྱོང་ཚོགས་པ་དང་། དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ནི། ཕྱི་ལོ། 1969 ལོར་བཞུགས་སྒར་རྡ་རམ་ས་ལ་གླིང་བླ་བྲང་དུ་ཡོངས་འཛིན་རྣམ་པ་གཉིས་ཀྱིས་དབུས་གདན་ས་གསུམ་གྱི་མཁན་རིན་པོ་ཆེ་རྣམ་པ་དང་། མཁས་དབང་། བླ་ཆེན་ཁག་བཅས་ལྷན་འཛོམས་ཀྱིས་དབུ་བརྙེས་ནས་གདན་གསུམ་མཁན་རིན་པོ་ཆེ་རྣམ་པས་ཚོགས་མི་དང་འཛིན་སྐྱོང་གནང་བའི་ལྷན་ཁང་ཞིག་ཡིན།

དགེ་ལྡན་ནང་བསྟན་རིག་གཞུང་གཅེས་སྐྱོང་ཁང་གི་རྒྱུན་ལས་ནི། གདན་ས་གསུམ་རེས་མོས་ཀྱིས་གདན་ས་རེའི་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་གཉིས་རྒྱུན་ལས་ཐོག་རང་ཁོངས་ནས་འཇོན་ནུས་ལྡན་པ་འཐུས་མི་རེ་བསྐོ་བཞག་གིས་ལོ་གཉིས་རེར་རྒྱུན་ལས་སམ་འཐུས་མི་གནང་དགོས། འཐུས་མི་གཉིས་ཀྱིས་རང་གི་ལས་ཡུན་སྐབས་ལྷག་བསམ་རྣམ་དག་གིས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་མཐུན་རྐྱེན་འགན་ཁུར་གནང་དགོས།

དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་དོ་དམ་པ། 

དགེ་ལུགས་རྒྱུགས་སྤྲོད་ཀྱི་དོ་དམ་པ་ནི། གདན་གསུམ་གྲྭ་ཚང་དྲུག་གི་གྲྭ་ཚང་གསུམ་རེའི་དགེ་བཤེས་ལྷ་རམས་པ་རེ་གྲྭ་ཚང་སོ་སོའི་མཁན་པོས་བསྐོ་བཞག་གནང་སྟེ་དུས་ཡུན་ལོ་གསུམ་རེ་གནང་དགོས། དེ་ཡང་། ཤར་རྩེ། སེར་སྨད། སྒོ་མང་གསུམ་ཚན་པ་གཅིག་དང་། སེར་བྱེས། བློ་གསལ་གླིང། བྱང་རྩེ་གསུམ་ཚན་པ་གཅིག་ཡིན། 

དོ་དམ་པ་གསུམ་རྒྱན་དཀྲུག་སྟེ། གཅིག་གིས་དོ་དམ་པ་དང། གཉིས་ཀྱིས་ལས་དྲུང་རྒན་གཞོན་གནང་སྟེ་རང་གི་ལས་ཡུན་སྐབས་དྲང་ཚུགས་ལྡན་པའི་སྒོ་ནས་སྐབས་བབ་ལས་འགན་རྣམས་ཐལ་ལུས་འཐུས་ཤོར་མེད་པར་ཚགས་ཚུད་ཡོང་བར་འབད་རྩོལ་བྱེད་དགོས།  དེ་ཡང་ལོ་འཁོར་རྒྱུགས་སྤྲོད་ཆེན་པོ་གོ་སྒྲིག་དང། ལྷ་རམས་དང་། སློབ་དཔོན་བཀའ་རམས་བཅས་བསླབ་པ་མཐར་སོན་པའི་ཕྱག་འཁྱེར་འབུལ་དགོས་པ་སོགས་དགེ་ལུགས་རྒྱུགས་སྤྲོད་དང་འབྲེལ་བའི་བྱེད་སྒོ་ཡོངས་རྫོགས་འགན་ཁུར་གནང་དགོས།

© 2018   |  དྲྭ་ཚིགས་འདིའི་བདག་དབང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ལ་ཡོད།      |    

  • White Facebook Icon