དགེ་ལུགས་རྒྱུགས་སྤྲོད་ཀྱི་སློབ་ཚན་རིམ་པ།

ལྷ་རམས་ལོ་རིམ་གཉིས་པའི་རྒྱུགས་གཞུང་།

རྩོད་རྒྱུགས་ཀྱི་གཞུང་ཚན།  ( ཕྱི་ལོ་ ༢༠༢༠ ནས་དངོས་སུ་ལག་བསྟར་བྱ་རྒྱུའི་སློབ་ཚན།)

  • ༡༽ འདུལ་བ། འདུལ་བ་མདོ་རྩ་བ་སྤྱིར་བསྟན་མན་ཆད་ཆ་ཚང་དང་། དེའི་ཐད་ཀྱི་འདུལ་བ་རྒྱ་ཆེར་འགྲེལ་བཅས་ཡིན། 

  • ༢༽ མཛོད། མཛོད་རྩ་བའི་གནས་ཕྱི་མ་བཞི་ཆ་ཚང་དང། དེའི་ཐད་ཀྱི་རང་འགྲེལ་བཅས་ཡིན།

  • ༣༽ དབུ་མ། རྩ་བ་ཤེས་རབ་རབ་བྱེད་བཅུ་གསུམ་པའི་དབུ་ནས་རྩ་ཤེ་རྫོགས་མཚམས་བར་དང་།  རིགས་པ་དྲུག་ཅུ་པ། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཞེས་པ་ནས། རིགས་པ་དྲུག་ཅུ་པ་རྫོགས་མཚམས་བར། ཞིབ་མོ་རྣམ་འཐག་ཆ་ཚང། རིན་ཆེན་ཕྲེང་བའི་ལེའུ་གསུམ་པའི་དབུ་ནས་རིན་ཆེན་ཕྲེང་བ་རྫོགས་མཚམས་བར། དབུ་མ་སྙིང་པོའི་གྲངས་ཅན་གྱི་དེ་ཁོ་ནཉིད་ལ་འཇུག་པའི་ལེའུ་ནས་དབུ་མ་སྙིང་པོ་རྫོགས་མཚམས་བར་དང། དེའི་ཐད་ཀྱི་རྟོག་གེ་འབར་བ།  དབུ་མ་སྣང་བ་ལས། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་མི་འཐད་པ་དང། ཞེས་པ་ནས། དབུ་མ་སྣང་བ་རྫོགས་མཚམས་བར།  དབུ་མ་རྒྱན་གྱི་ཚིག  ཕྱི་རོལ་དོན་གྱི་ཚུལ་ལ་ཡང། །དེ་ལྟར་རྣམ་པ་མ་བྲལ་ན། །ཞེས་པ་ནས། དབུ་མ་རྒྱན་རྫོགས་མཚམས་བར་བཅས་ཡིན། 

  • ༤༽ ཕར་ཕྱིན།  མངོན་རྟོགས་རྒྱན་གྱི་སྐབས་བཞི་པའི་དབུ་ནས་སྐབས་བརྒྱད་པ་རྫོགས་མཚམས་བར་དང། མདོ་སྡེ་རྒྱན་གྱི་ལེའུ་བཅུ་དྲུག་པའི་དབུ་ནས་མདོ་སྡེ་རྒྱན་རྫོགས་མཚམས་བར། དབུས་མཐའ་རྣམ་འབྱེད་ཀྱི་ལེའུ་བཞི་པའི་དབུ་ནས་དབུས་མཐའ་རྫོགས་མཚམས་བར། རྒྱུད་བླ་མའི་ལེའུ་གསུམ་པའི་དབུ་ནས་རྒྱུད་བླ་མ་རྫོགས་མཚམས་བར་བཅས་ཡིན།

  • ༥༽ རྣམ་འགྲེལ། ཚད་ཆེན་རྩ་འགྲེལ་གྱི་སྨད་ཆ་ཚང་དང། ཚད་མ་ཀུན་བཏུས་རྩ་འགྲེལ་གྱི་སྨད་ཆ་ཚང་བཅས་ཡིན།

ལྷ་རམས་ལོ་རིམ་དང་པོའི་རྒྱུགས་གཞུང་།

རྩོད་རྒྱུགས་ཀྱི་གཞུང་ཚན། ( ཕྱི་ལོ་ ༢༠༢༠ ནས་དངོས་སུ་ལག་བསྟར་བྱ་རྒྱུའི་སློབ་ཚན།)

  • ༡༽ འདུལ་བ། འདུལ་བ་མདོ་རྩ་བ་དབུ་ནས་མའི་རྣམ་འབྱེད་རྫོགས་མཚམས་བར་དང་། དེའི་ཐད་ཀྱི་རྒྱ་ཆེར་འགྲེལ་ཡིན། 

  • ༢༽ མཛོད། མཛོད་རྩ་གནས་དང་པོ་བཞི་ཆ་ཚང། དེའི་ཐད་ཀྱི་རང་འགྲེལ་ཡིན།

  • ༣༽ དབུ་མ། རྩ་བ་ཤེས་རབ་དབུ་ནས་རབ་བྱེད་བཅུ་གཉིས་པ་རྫོགས་མཚམས་བར་དང་། སྟོང་ཉིད་བདུན་ཅུ་པ་ཆ་ཚང། རྩོད་བཟློག་ཆ་ཚང། རིགས་པ་དྲུག་ཅུ་པའི་དབུ་ནས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །ཞེས་པའི་བར་དང། རིན་ཆེན་ཕྲེང་བ་དབུ་ནས་ལེའུ་གཉིས་པ་སྤེལ་མ་བསྟན་པ་རྫོགས་མཚམས་བར་བཅས་ཡིན།  དབུ་མ་སྙིང་པོའི་དབུ་ནས་རྣལ་འབྱོར་སྤྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པའི་ལེའུ་རྫོགས་མཚམས་བར་དང། དེའི་ཐད་ཀྱི་རྟོག་གེ་འབར་བ།  དབུ་མ་སྣང་བའི་དབུ་ནས་གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱས་པར་རབ་ཏུ་བསྒྲུབས་ཟིན་ཏོ།། ཞེས་པའི་བར་དང། དབུ་མ་རྒྱན་གྱི་དབུ་ནས། ཐལ་བར་འགྱུར་ཏེ་ལན་གདབ་དཀའ། །ཞེས་པའི་བར་ཡིན།

  • ༤༽ ཕར་ཕྱིན། མངོན་རྟོགས་རྒྱན་གྱི་དབུ་ནས་སྐབས་གསུམ་པ་རྫོགས་མཚམས་བར་དང། མདོ་སྡེ་རྒྱན་གྱི་ལེའུ་དང་པོའི་དབུ་ནས་ལེའུ་བཅོ་ལྔ་པ་རྫོགས་མཚམས་བར། དབུས་མཐའ་རྣམ་འབྱེད་ཀྱི་ལེའུ་དང་པོའི་དབུ་ནས་ལེའུ་གསུམ་པ་རྫོགས་མཚམས་བར། ཆོས་ཉིད་རྣམ་འབྱེད་ཆ་ཚང། རྒྱུད་བླ་མའི་དབུ་ནས་ལེའུ་གཉིས་པ་རྫོགས་མཚམས་བར་བཅས་ཡིན། 

  • ༥༽ རྣམ་འགྲེལ། ཚད་ཆེན་རྩ་འགྲེལ་གྱི་སྟོད་ཆ་དང། ཚད་མ་ཀུན་བཏུས་རྩ་འགྲེལ་གྱི་སྟོད་ཆ་བཅས་ཡིན།

སློབ་དཔོན་ལོ་རིམ་གཉིས་པའི་རྒྱུགས་གཞུང་།

བཀའ་པོད་ལྔའི་བྲིས་རྒྱུགས་གཞུང་ཚན།

  • འདུལ་བ།༽ འདུལ་བ་རྒྱ་ཆེར་འགྲེལ་གྱི་སྤྱིར་བསྟན་མན་ཆ་ཚང་དང་། དེའི་ཐད་ཀྱི་མཚོ་ཊཱིཀ་ཡིན།

  • ༢) མཛོད།༽ མཛོད་རང་འགྲེལ་གནས་ཕྱི་མ་བཞི་དང་། དེའི་ཐད་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ཡིན།

  • ༣) དབུ་མ།༽ འཇུག་པ་རང་འགྲེལ་གྱི་སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་འགོག་པ་མན་ཆད་ཆ་ཚང་དང། ལེགས་བཤད་སྙིང་པོའི་དབུ་མའི་སྐོར་ཆ་ཚང་ཡིན།

  • ༤) ཕར་ཕྱིན་དང་པོ།༽ ལེགས་བཤད་གསེར་ཕྲེང་སྐབས་བཞི་པ་ཆ་ཚང་ཡིན།

  • ༥) ཕར་ཕྱིན་གཉིས་པ།༽ ལེགས་བཤད་གསེར་ཕྲེང་སྐབས་ལྔ་པའི་དབུ་ནས་སྐབས་བརྒྱད་པ་རྫོགས་མཚམས་བར་ཡིན།

  • ༦) རྣམ་འགྲེལ།༽ རྣམ་འགྲེལ་རྩ་བའི་ལེའུ་བཞི་པ་ཆ་ཚང་དང་། དེའི་ཐད་ཀྱི་ཐར་ལམ་གསལ་བྱེད་བཅས་ཡིན།

སློབ་དཔོན་ལོ་རིམ་དང་པོའི་རྒྱུགས་གཞུང་།

བཀའ་པོད་ལྔའི་བྲིས་རྒྱུགས་ཀྱི་གཞུང་ཚན།

  • ༡) འདུལ་བ།༽ འདུལ་བ་རྒྱ་ཆེར་འགྲེལ་གྱི་དབུ་ནས་བཟུང་སྟེ། མའི་རྣམ་འབྱེད་རྫོགས་མཚམས་བར་དང།  དེའི་ཐད་ཀྱི་མཚོ་ཊཱིཀ་ཡིན།

  • ༢) མཛོད།༽ མཛོད་རང་འགྲེལ་གནས་དང་པོ་བཞི་ཆ་ཚང་དང་། དེའི་ཐད་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ཡིན།

  • ༣) དབུ་མ།༽ འཇུག་པ་རང་འགྲེལ་དབུ་ནས་ཀུན་གཞི་འགོག་པ་རྫོགས་པའི་བར་དང། རྩ་ཤེའི་རབ་བྱེད་དང་པོ་དང་གཉིས་པ། དེའི་ཐད་ཀྱི་རྩ་ཤེའི་ཊཱིཀ་ཆེན་བཅས་ཡིན།

  • ༤) ཕར་ཕྱིན་དང་པོ།༽ ལེགས་བཤད་གསེར་ཕྲེང་སྐབས་དང་པོ་ཆ་ཚངཡིན།

  • ༥) ཕར་ཕྱིན་གཉིས་པ།༽ ལེགས་བཤད་གསེར་ཕྲེང་སྐབས་གཉིས་པ་དང་གསུམ་པ་ཡིན།

  • ༦) རྣམ་འགྲེལ།༽ རྣམ་འགྲེལ་རྩ་བའི་ལེའུ་གསུམ་པ་ཆ་ཚང་དང་། དེའི་ཐད་ཀྱི་ཐར་ལམ་གསལ་བྱེད་བཅས་ཡིན།

བཀའ་རམས་ལོ་རིམ་གཉིས་པའི་རྒྱུགས་གཞུང་།

བྲིས་རྒྱུགས་དགུའི་གཞུང་ཚན།

  • 1) འདུལ་བ།༽ མདོ་རྩ་བའི་སྤྱིར་བསྟན་མན་ཆད་ཆ་ཚང་དང་། དེའི་ཐད་ཀྱི་རིན་ཕྲེང་ཡིན།

  • 2) མཛོད།༽  མཛོད་རྩ་བའི་གནས་ལྔ་པ་མན་ཆད་ཆ་ཚང་དང། དེའི་ཐད་ཀྱི་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ཡིན།

  • 3) དབུ་མ།༽  དབུ་མ་འཇུག་པའི་སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་འགོག་པ་མན་ཆད་ཆ་ཚང་དང་། དེའི་ཐད་ཀྱི་དགོངས་པ་རབ་གསལ་ཡིན། 

  • 4) ཕར་ཕྱིན་དང་པོ།༽  མངོན་རྟོགས་རྒྱན་སྐབས་གཉིས་པ་དང་། གསུམ་པ། བཞི་པ་གསུམ་དང་། དེའི་ཐད་ཀྱི་འགྲེལ་བ་དོན་གསལ། རྣམ་བཤད་སྙིང་པོ་རྒྱན་བཅས་དང་།   རྗེའི་ཀུན་གཞི་རྩ་འགྲེལ་བཅས་ཡིན། 

  • 5) ཕར་ཕྱིན་གཉིས་པ།༽  མངོན་རྟོགས་རྒྱན་སྐབས་ལྔ་པའི་དབུ་ནས་སྐབས་བརྒྱད་པ་རྫོགས་མཚམས་བར་དང་། དེའི་ཐད་ཀྱི་འགྲེལ་བ་དོན་གསལ། རྣམ་བཤད་སྙིང་པོ་རྒྱན་བཅས་ཡིན།

  • 6) རྣམ་འགྲེལ།༽  རྣམ་འགྲེལ་རྩ་བའི་ལེའུ་གཉིས་པ་ཆ་ཚང་དང་། དེའི་ཐད་ཀྱི་ཐཪ་ལམ་གསལ་བྱེད་ཡིན།

  • 7) དགེ་ལུགས་ཆོས་འབྱུང།༽  ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་རྗེའི་རྣམ་ཐར་ཡིན།

  • 8) དམིགས་བསལ་བོད་སྐད།༽  རྟགས་འཇུག་རྩ་བ་དང་། པྲ་ཏི་དགེ་བཤེས་ཀྱིས་མཛད་པའི་རྟགས་འཇུག་གི་འགྲེལ་བ་བཅས་ཡིན།

  • 9) ཚན་རིག༽ ཚན་རིག་གི་ལྟ་གྲུབ་སྨད། ལོ་རིམ་གསུམ་པའི་སློབ་ཚན་རེ་རེའི་ཕྱེད་མན། ལོ་རིམ་བཞི་པའི་སློབ་ཚན་ཆ་ཚང་བཅས་ཡིན། 

བཀའ་རམས་ལོ་རིམ་དང་པོའི་རྒྱུགས་གཞུང་།

བྲིས་རྒྱུགས་ཀྱི་གཞུང་ཚན།

  • 1) འདུལ་བ།༽     མདོ་རྩ་བའི་དབུ་ནས་བཟུང་སྟེ། མའི་རྣམ་འབྱེད་རྫོགས་མཚམས་བར་དང།  དེའི་ཐད་ཀྱི་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་བཅས་ཡིན།

  • 2) མཛོད།༽     མཛོད་རྩ་བའི་གནས་དང་པོ་བཞི་ཆ་ཚང་དང་། དེའི་ཐད་ཀྱི་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་བཅས་ཡིན།

  • 3) དབུ་མ།༽     དབུ་མ་འཇུག་པའི་དབུ་ནས་ཀུན་གཞི་འགོག་པ་རྫོགས་པའི་བར་དང་། དེའི་ཐད་ཀྱི་དགོངས་པ་རབ་གསལ་བཅས་ཡིན།

  • 4) ཕར་ཕྱིན་དང་པོ།༽ མངོན་རྟོགས་རྒྱན་དང་། འགྲེལ་བ་དོན་གསལ། རྣམ་བཤད་སྙིང་པོའི་རྒྱན་བཅས་ཀྱི་སྐབས་དང་པོ་ཆ་ཚང་ཡིན། 

  • 5) ཕར་ཕྱིན་གཉིས་པ།༽  ལེགས་བཤད་སྙིང་པོའི་དབུ་ནས་སེམས་ཙམ་པའི་སྐོར་ཆ་ཚང་ཡིན།

  • 6) རྣམ་འགྲེལ།༽  རྣམ་རྩ་ལེའུ་དང་པོ་ཆ་ཚང་དང་། དེའི་ཐད་ཀྱི་ཐར་ལམ་གསལ་བྱེད་ཡིན།

  • 7) དགེ་ལུགས་ཆོས་འབྱུང།༽   རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ཡིན།

  • 8) དམིགས་བསལ་བོད་སྐད།༽ སུམ་ཅུ་པའི་རྩ་བ་དང་། པྲ་ཏི་དགེ་བཤེས་ཀྱིས་མཛད་པའི་སུམ་ཅུ་པའི་འགྲེལ་བ་བཅས་ཡིན།

  • 9) ཚན་རིག༽ ཚན་རིག་གི་ལྟ་གྲུབ་སྟོད། ཚན་རིག་ལོ་རིམ་གཉིས་པའི་སྐབས་ཀྱི་སློབ་ཚན་ཆ་ཚང་། ལོ་རིམ་གསུམ་པའི་སློབ་ཚན་རེ་རེའི་ཕྱེད་ཡན་བཅས་ཡིན། 

© 2018   |  དྲྭ་ཚིགས་འདིའི་བདག་དབང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ལ་ཡོད།      |    

  • White Facebook Icon