table.jpg

གསལ་བསྒྲགས།

1 བོད་རྒྱལ་ལོ་ ༢༡༤༥ ། ཕྱི་ལོ་ ༢༠༡༨ ལོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་འཇུག་མཁན་རྣམས་ཀྱིས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་འགེངས་ཤོག་མ་ནོར་བར་བཀང་ནས་སོ་སོའི་མགོ་པར་ཚད་ལྡན་གཉིས་རེ་དགོས་པ་སྤྱི་མཚུངས་ཡིན་ལ། སྔར་ཞུགས་མྱོང་བ་རྣམས་ཀྱིས་ལོ་སྔ་མའི་གྲུབ་འབྲས་ཤོག་ལྷེའི་འདྲ་བཤུས་དང་། གསར་ཞུགས་པ་རྣམས་ཀྱིས་སོ་སོའི་གྲྭ་ཚང་གི་ལོ་ཐ་མའི་གྲུབ་འབྲས་ཤོག་ལྷེའི་འདྲ་བཤུས་བཅས་གཤམ་བཀོད་ཚེས་གྲངས་ལྟར་ངེས་པར་འབུལ་ཐུབ་པ་དགོས། 

 

2  སྐྱབས་གནས་མཁན་རིན་པོ་ཆེ་རྣམ་པ་དང་དོ་དམ་པ་བཅས་ལྷན་འཛོམས་ཀྱིས་སློབ་དཔོན་དང་བཀའ་རམས་ཐོན་ཟིན་རྣམས་ལ། ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་མཇུག་སྡོམ་མཛད་སྒོའི་ཉིན་ཕྱག་འཁྱེར་འབུལ་རྒྱུ་ལས། ལྷ་རམས་དང་མཉམ་དུ་འབུལ་མི་དགོས་པར་གཏན་འབེབས་བྱུང་བ་ལགས་ན། སློབ་དཔོན་དང་བཀའ་རམས་ཐོན་ཟིན་པ་རྣམས་ཀྱིས་ཕྱག་འཁྱེར་གྱི་འགེངས་ཤོག་མ་ནོར་བར་བསྐང་སྟེ། འཛིན་གྲྭ་སོ་སོའི་ལོ་ཐ་མའི་གྲུབ་འབྲས་ཤོག་ལྷེའི་འདྲ་བཤུས་དང་མགོ་པར་ཚད་ལྡན་གཉིས་རེ། ཕྱག་འཁྱེར་གྱི་དོད་ཕྱག་འཁྱེར་རེ་ལ་སྒོར་ ༥༠ རེ་བཅས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་འགེངས་ཤོག་དང་ཆབས་གཅིག་བོད་ཟླ་ ༣ ཚེས་ ༢༠ དང་། ཕྱི་ཟླ་ ༥ ཚེས་ ༥ ལས་མ་འགྱངས་པར་རང་ཁོངས་མཁན་རིན་པོ་ཆེར་འབུལ་ཐུབ་པ་དགོས། 

གོང་གསལ་ཆ་རྐྱེན་ཚད་ལྡན་མ་བྱུང་བ་རྣམས་ལ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་འཇུག་ཤོག་དང་ཕྱག་འཁྱེར་བཟོ་རྒྱུ་མིན་པ་དགོངས་འཇགས་ཞུ། 

  ལག་འཁྱེར་འགེངས་ཤོག་མ་དཔེ་གྲྭ་ཚང་སོ་སོའི་པར་བཤུས་ཁང་དུ་ཡོད་པས་དེ་ནས་བཞེས་རྒྱུ། ཡང་ན་འདི་ནོན་ནས་ཕབས་ལེན་གནང་

 

 

ཕྱི་ལོ། 2018 ལོར་དགེ་ལུགས་རྒྱུགས་སྤྲོད་ཀྱི་སློབ་ཚན་རིམ་པའི་ནང་ཚན་རིག་གཏོང་རྒྱུའི་གསལ་བསྒྲགས།
བོད་རྒྱལ་ལོ་ ༢༡༤༥ ཕྱི་ལོ་ 2018 ལོར་བཀའ་རམས་དང་པོའི་ཐུན་མོང་བོད་སྐད་ཀྱི་ཚབ་ཏུ་ཚན་རིག་སློབ་ཚན་གྱི་འབྲི་རྒྱུགས་གཏོང་རྒྱུ་དང་། བཀའ་རམས་གཉིས་པར་སྔར་རྒྱུན་ལྟར་ཐུན་མོང་བོད་སྐད་ཀྱི་འབྲི་རྒྱུགས་གཏོང་རྒྱུ་ཡིན། 
བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ 2019 ལོ་ནས་བཟུང་བཀའ་རམས་འཛིན་གྲྭ་གཉིས་ཀར་ཐུན་མོང་བོད་སྐད་ཀྱི་ཚབ་ཏུ་ཚན་རིག་སློབ་ཚན་འབྲི་རྒྱུགས་གཏོང་རྒྱུ་ལགས་ན། དགེ་ལུགས་རྒྱུགས་སྤྲོད་སློབ་གཉེར་བ་རྣམས་ཀྱིས་དེ་དོན་དགོངས་འཇགས་ཞུ།

རྒྱུགས་ཀྱི་བསླབ་གཞི། 

   ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་བོད་ཀྱི་ཚན་རིག་ལས་རིམ་ནས་བོད་ཡིག་ཐོག་གཏན་འབེབས་དང་འགྲེམས་སྤེལ་གནང་བའི་སློབ་དེབ་ཁག་ཡིན།

 

1   བཀའ་རམས་ལོ་རིམ་དང་པོའི་སློབ་ཚན། 

     ཚན་རིག་གི་ལྟ་གྲུབ་སྟོད་དང་། ཚན་རིག་ལོ་རིམ་གཉིས་པའི་སྐབས་ཀྱི་སློབ་ཚན་ཆ་ཚང་། ལོ་རིམ་གསུམ་པའི་སློབ་ཚན་རེ་རེའི་ཕྱེད་ཡན།

 

2  བཀའ་རམས་ལོ་རིམ་གཉིས་པའི་སློབ་ཚན།

     ཚན་རིག་གི་ལྟ་གྲུབ་སྨད། ལོ་རིམ་གསུམ་པའི་སློབ་ཚན་རེ་རེའི་ཕྱེད་མན། ལོ་རིམ་བཞི་པའི་སློབ་ཚན་ཆ་ཚང་།

 

3 དྲི་བ་བཟོ་མཁན།

       ཕྱི་ལོ་ ༢༠༡༨ དང་། ༢༠༡༩ ལོ་གཉིས་ལ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་རྣམས་ནས་དགེ་ལུགས་རྒྱུགས་སྤྲོད་ཀྱི་ཚན་རིག་གི་དྲི་བ་ཁག་བཟོས་ནས་བོད་        ཀྱི་དཔེ་མཛོད་བརྒྱུད་དགེ་ལུགས་རྒྱུགས་སྤྲོད་ལྷན་ཁང་ལ་འབུལ་རྒྱུ།

 

4 དྲི་བ་བཟོ་སྟངས།

      ཀ) ཚན་རིག་གི་ལྟ་གྲུབ་རིག་པ་དང་། དངོས་ཁམས་རིག་པ། སྐྱེ་དངོས་རིག་པ། དབང་རྩ་རིག་པ་བཅས་ལ་ངེས་པར་ལན་འདེབས་དགོས་པའི་གདམ་བྱ་མང་བའི་དྲི་བ་བཅུ།

      ཁ) ངེས་པར་ལན་བྲི་དགོས་པའི་ཚན་རིག་གི་ལྟ་གྲུབ་ཀྱི་དྲི་བ་གཅིག

      ག) སློབ་ཚན་རེ་ལ་ལན་གཅིག་རེ་ངེས་པར་བྲི་དགོས་པའི་གདམ་ག་ཅན་གྱི་དངོས་ཁམས་དྲི་བ་གཉིས་དང་། སྐྱེ་དངོས་ཀྱི་དྲི་བ་གཉིས། དབང་རྩའི་དྲི་བ་གཉིས་བཅས་དྲི་བ་དྲུག

      ང) དངོས་ཁམས། སྐྱེ་དངོས། དབང་རྩ་གསུམ་གྱི་དྲི་བ་དྲུག་ནས་ལན་འདེབས་མ་ཟིན་པའི་དྲི་བ་ལྷག་མ་གསུལ་ལས་གང་ཡང་རུབ་གཅིག་ལན་ངེས་པར་དུ་ལན་བྲི་དགོས་པ་བཅས།           བསྡོམས་དྲི་བ་བཅུ་བདུན་ནས་ངེས་པར་ལན་འདེབས་དགོས་བ་བཅོས་ལྔ་གཏན་འབེབས་བྱུང་།

© 2018   |  དྲྭ་ཚིགས་འདིའི་བདག་དབང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ལ་ཡོད།      |    

  • White Facebook Icon