
ཕྱི་ལོ། 2018 ལོར་དགེ་ལུགས་རྒྱུགས་སྤྲོད་ཀྱི་སློབ་ཚན་རིམ་པའི་ནང་ཚན་རིག་གཏོང་རྒྱུའི་གསལ་བསྒྲགས།
བོད་རྒྱལ་ལོ་ ༢༡༤༥ ཕྱི་ལོ་ 2018 ལོར་བཀའ་རམས་དང་པོའི་ཐུན་མོང་བོད་སྐད་ཀྱི་ཚབ་ཏུ་ཚན་རིག་སློབ་ཚན་གྱི་འབྲི་རྒྱུགས་གཏོང་རྒྱུ་དང་། བཀའ་རམས་གཉིས་པར་སྔར་རྒྱུན་ལྟར་ཐུན་མོང་བོད་སྐད་ཀྱི་འབྲི་རྒྱུགས་གཏོང་རྒྱུ་ཡིན།
བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ 2019 ལོ་ནས་བཟུང་བཀའ་རམས་འཛིན་གྲྭ་གཉིས་ཀར་ཐུན་མོང་བོད་སྐད་ཀྱི་ཚབ་ཏུ་ཚན་རིག་སློབ་ཚན་འབྲི་རྒྱུགས་གཏོང་རྒྱུ་ལགས་ན། དགེ་ལུགས་རྒྱུགས་སྤྲོད་སློབ་གཉེར་བ་རྣམས་ཀྱིས་དེ་དོན་དགོངས་འཇགས་ཞུ།



༄༅། །དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོ།
དགེ་ལུགས་རྒྱུགས་སྤྲོད་ཀྱི་སྒྲིག་གཞི།
རྒྱུགས་སྤྲོད་དུ་འཇུག་མཁན་ཡོངས་ནས་ངེས་པར་མཁྱེན་དགོས་པའི་སྒྲིག་གཞི་རྣམས་གོ་བདེ་བའི་ཆེད་དུ་དྲི་ལན་གྱི་ཚུལ་དུ་བཀོད་ཡོད་པས་དེར་གཟིགས།
བོད་དུ་དགེ་བཤེས་བྱུང་རབས།
གདན་གསུམ་མ་ཆགས་གོང་དུ་རབ་འབྱམས། དཀའ་བཞི་པ། དཀའ་བཅུ་པ། གཞན་ཡང་གླིང་བསྲེ་དགེ་བཤེས་བཅས་ཡོད། རྒྱས་་་་
དགེ་ལུགས་རྒྱུགས་སྤྲོད་ངོ་སྤྲོད།
དགེ་བཤེས་ལྷ་རམས་པའི་སྔོན་འགྲོར་ལོ་དྲུག་གདན་གསུམ། བཀྲིས་ལྷུན་པོ། རྭ་སྟོད་བཅས་མཉམ་ཞུགས་ཀྱི་རྒྱུགས་སྤྲོད་ཡིན།
2016 དགེ་ལུགས་རྒྱུགས་སྤྲོད།
The 14th Dalai Lamas' Geshe Examinations in Lhasa, Tibet, 1958